ཤིས་ཚིག་ཅིག་གི་ཚུལ་ཏུ།

ཤིས་ཚིག་ཅིག་གི་ཚུལ་ཏུ།

མུན་པའི་གཏིང་མཐའ་ན་དཀར་གསལ་གྱི་ཟླ་བ་གཅིག་མོག་པོར་འཚེར།

ཟང་ཟིང་གི་འདུ་འཛི་ན་སྙན་འཇེབས་ཀྱི་པི་ཝང་ཞིག་ལྷང་ངེར་གྲག

དུས་གསུམ་ལ་སྔོན་མཁྱེན་མེད་ཀྱང་།

དཔག་ཚད་ཀྱིས་རྒྱང་ཐག་རིང་བའི་སྐྱ་རེངས་དེ་བསུས།

རེད་ཡ།

ཁྱེད་ནི་རྙིང་ཚབ་གསར་རྗེ་ཐུབ་པའི་ཕྲ་ཕུང་ཚོགས་ཤིག

ཁྱེད་ནི་སྙིགས་དོར་བཅུད་ལེན་མཁས་པའི་བདེ་ཐང་གི་ན་གཞོན་ཚོགས་ཤིག

ཁྱེད་ནི་ཀློག་པ་པོ་བགྲང་མེད་ཀྱི་རེ་བའི་མིག་ཟུང་གཏད་ས།

ཁྱེད་ནི་དུས་རབས་ཤིག་གི་མགྲིམ་ཚབ་པ།

ཁྱེད་ནི་མི་རིགས་ཤིག་གི་སྣེ་ཤན་པ།


ཁྱེད་ཀྱི་ཀླད་སྙིང་ལ་གང་ཟག་ཅིག་གི་དབྱངས་རྟ་ཚང་པར་ཤོག

ཁྱེད་ཀྱི་སྨྱུག་རྩེ་ལ་ལྷོད་པ་མེད་པའི་རྒྱུག་འདུར་གོམས་པར་ཤོག

ཁྱེད་ཀྱི་ལྷུན་འགྲུབ་ཀྱི་ཚིག་རྐང་རེ་རེར་འོད་ཟེར་འཕྲོ་བར་ཤོག

ཁྱེད་ཀྱི་ཁ་ལས་རླུང་རྟ་གདུང་རྒྱུད་ཅིག་གི་བཞུར་དབྱངས་ལ་ཐིམ་པར་ཤོག

ཀླུ་ཆུའི་ན་གཞོན་རྩོམ་རིག་ཚོགས་པ་ལ་མ་བཟང་བུ་མོས་ཤིས་ཤིག་གི་ཚབ་ཏུ་ཕུལ།

                                                      མ་བཟང་བུ་མོས།













ན་གཞོན་རྩོམ་རིག་ཚོགས་པ།

最后编辑于
©著作权归作者所有,转载或内容合作请联系作者
平台声明:文章内容(如有图片或视频亦包括在内)由作者上传并发布,文章内容仅代表作者本人观点,简书系信息发布平台,仅提供信息存储服务。

推荐阅读更多精彩内容