སློབ་མའི་ཚོགས་པ་འཛུགས་པའི་དམིགས་ཡུལ།

                   

དང་པོ། སེམས་ཀྱི་བར་ཐག་གཅིག་དུ་འབྲེལ་བའི་དུངས་ཞེན་གྱི་མཚོ་མོ་འཁྱིལ་སའི་ཕ་ཡུལ་ལ་ཞབས་འདེགས་ཕྲན་ཙམ་རེ་བསྒྲུབ་རྒྱུ་ནི་རང་གི་ཕྲག་སྟེང་ལ་བབས་པའི་འོས་འགན་ཞིག་ཏུ་བརྩིས་ནས་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོའི་དམིགས་ཡུལ་གཞིར་བཟུང་བ་ཡིན།

གཉིས་པ། ཕ་ཡུལ་ན་སློབ་སྦྱོང་གི་ཕྱོགས་ལ་རྒྱབ་སྐྱོར་བྱེད་མཁན་ཉུང་བ་གཙོ་བྱས་ཏེ་རང་ཉིད་ནས་མགོ་བརྩམ་ནས་ལྷག་བསམ་རྣལ་མས་རྒྱབ་སྐྱོར་ཞིག་གམ་འགན་འཁྲི་ཞིག་གི་ཆེད་དུ་འབད་འདང་ཡོད།

 གསུམ་པ། ཕ་ཡུལ་གྱི་ཤེས་ཡོན་པའི་སྡེ་དང་མང་ཚོགས་ལ་འབྲེལ་འདྲིས་བྱས་ཏེ་མང་པོས་མཉམ་དུ་རུབ་ནས་རང་གིས་ལྕོགས་ཚོད་ཀྱིས་ཕ་ཡུལ་གྱི་ཐོག་མའི་རྣམ་པ་ལ་དོ་སྣང་བྱེད་པ།

བཞི་བ། ཟབ་སྦྱོང་འཛིན་གྲྭ་ཞིག་དང་ཡིག་རྨོངས་སེལ་བའི་འཛིན་གྲྭ་ཞིག་འཛུགས་རྒྱུ་གཏན་འཁེལ་བྱས་ནས་ཁ་ཙམ་མིན་པར་ལག་ལེན་ལ་བསྟར་འདོད་པ།

                             སློབ་མའི་ཚོགས་པ་ནས་གུས་ཕུལ།

最后编辑于
©著作权归作者所有,转载或内容合作请联系作者
平台声明:文章内容(如有图片或视频亦包括在内)由作者上传并发布,文章内容仅代表作者本人观点,简书系信息发布平台,仅提供信息存储服务。

推荐阅读更多精彩内容